ལ་ནོར་མཉམ་ལས་ཚོགས་སྡེའི་ཚོགས་ཆུང་གི་འཐུས་མི་ཚུ་ལུ་རྩིས་བཀོད་བཞག་ཐངས་ཀྱི་སྦྱོང་བརྡར།

སྤྱི་ཚེས་༢༥-༠༨-༢༠༢༡ ལས་ ༢༧-༠༨-༢༠༢༡ ཚུན་ ཉིན་གྲངས་གསུམ་གྱི་རིང་ལུ་ ཐིམ་ཕུག་རྫོང་ཁག་ གླིང་བཞི་ ན་རོ་ དར་དཀར་ལ་དང་སོད་ སྤ་རོ་དང་ཧཱ་རྫོང་ཁག་གིས་ ལ་ནོར་མཉམ་ལས་ཚོགས་སྡེའི་ཚོགས་ཆུང་གིས་འཐུས་མི་ཚུ་གིས་ ག་ནི་བ་ཁག་ཆེ་བའི་རྩིས་བཀོད་བཞག་ཐངས་ཀྱི་སྦྱོང་བརྡར་འགོ་འདྲེན་འཐབ་མི་ནང་ལུ་བཅའ་མར་གཏོགས་གནང་ཡི། ལས་རིམ་འདི་ནང་ལུ་ གོང་གི་རྫོང་ཁག་གསུམ་གྱི་སྒོ་ནོར་ཐོན་སྐྱེད་འགོ་དཔོན་དང་ རྒེད་འོག་ལས་བྱེདཔ་ལྔ་ ད་ལས་ལས་ཁུངས་ལྟེ་བ་ལས་ གཙོ་འཛིན་དང་ སྒོ་ནོར་མཁས་མཆོག་དང་འགོ་དཔོན་ཚུ་གིས་བཅའ་མར་གཏོགས་ཅིག་ ལས་རིམ་འགོ་འབྱེད་ཀྱི་སྐབས་ གཙོ་འཛིན་ལྟའུ་ཅུ་རབ་རྒྱས་ཀྱི་ ལ་གོང་གསུམ་གྱི་མི་སྡེའི་འཚོ་བའི་གནས་སྟངས་གོང་འཕེལ་བཏང་དགོ་པའི་སྐོར་དང་ལམ་སྲོལ་ རྩྭ་འབྲོག་ རང་ཞིན་གནས་སྟངས་དང་ཆུའི་རྐ་ཚུ་ ལ་ནོར་མཉམ་ལས་ཚོགས་སྡེ་དང་སྤྱི་མཐུན་མཉམ་ལས་ཚོགས་སྡེ་གི་ག་དེ་དྲག་དྲག་གདོང་ཁར་ཐོན་ཞིནམ་ལས་འབད་དགོ་པའི་སྐོར་གསལ་བཤད་འབད་གནང་ཡི་ དོ་རུང་ ལ་གོང་གསུམ་གྱི་གཡག་དང་ལ་ནོར་འཚོ་མི་ཚུའི་འཚོ་བའི་གནས་སྟངས་དང་གཞི་སྟེན་མཁ་ཆས་ཚུ་ཡར་རྒྱས་བཏང་དགོ་པའི་འཆར་གཞི་ཚུའི་སྐོར་ཡང་གསུངས་གནང་ཡི་ སྦྱོང་བརྡར་འདི་འགོ་འདྲེན་འཐབ་དགོ་པའི་དམིགས་དོན་ངོ་མ་རང་ ལ་ནོར་མཉམ་ལས་ཚོགས་སྡེ་ནང་ལུ་ ཡིག་ཆ་དང་གནས་སྡུད་ཚུ་སྒྲིང་སྒྲིང་བཟོ་ནི་ལུ་གཙོ་བོར་བཏོན་ནི་དང་ ཚོགས་ཆུང་གིས་འཐུས་མི་ཚུའི་བརྒྱུད་ལུ་ཡོན་ཏན་དང་ཉམས་མྱོང་ལེགས་ཤོམ་བཟོ་ནིའི་དོན་ལུ་ཨིན། ཉིན་གྲངས་གསུམ་གྱི་རིང་ལུ་རྩིས་བཀོད་རྐྱངམ་ཅིག་མེན་པར་ ད་ལས་ཕར་མཉམ་ལས་ཚོགས་སྡེ་ནང་ལུ་ ཐོན་སྐྱེད་བཟོ་ནི་དང་མཚོང་འབྲེལ་འཐབ་ནིའི་སྐོར་ལས་ཡང་ འགོ་དཔོན་ཚུ་དང་འཐུས་མི་ཚུ་མཉམ་རུབ་ཀྱི་ཐོག་ལས་གྲོས་གཞི་ཚུ་བཟོ་གནང་ཡི་ ལྷག་པར་དུ་ རྩྭ་འབྲོག་ངོས་འཛིན་དང་སྤྱོད་ལམ་དེ་ཚུ་ཡང་ཧིང་གསང་གསང་འབད་ཐོ་བཀོད་འབད་ཚར་ཡོདཔ་ཨིན་ སྦྱོང་བརྡར་གནང་མི་ཚུ་ཡང་སོ་ནམ་ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེ་ལས་ཁུངས་དང་ ལུང་ཕྱོགས་སྒོ་ནོར་གོང་འཕེལ་ལྟེ་བ་ སྒོ་ནོར་ལས་ཁུངས་ཡིག་ཚང་ལྟེ་བ་ནང་ལས་མཁས་མཆོག་ཚུ་གིས་རྒྱབ་སྐྱོར་འབད་ཡོདཔ་མ་ཚད་ མ་དངུལ་རྒྱབ་སྐྱོར་ཚུ་ཡང་ ཨར་ཨེམ་ཨེསི་ལས་འགུལ་ བལ་བུ་ལུ་ཡོད་པའི་ཨིསི་མོཀྲི་གིས་རྒྱབ་སྐྱོར་མཛད་ཡོདཔ་ཨིན།

 

ཀུན་ལེགས་རིན་ཆེན་གྱི་བསྡུ་སྒྲིག་འབད་ཡོདཔ་ཨིན།

 154 ཡོངས་བསྡོམས་བལྟ་མི།,  1 ད་རིས་བལྟ་མི།

Print Friendly, PDF & Email
Share